ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

༄༅། །ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་2019ལོའི་སློབ་མ་བསྡུ་བའི་སྒྲིག་ཡིག

སྤེལ་དུས 2019-02-27 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་།

            སློབ་གླིང་ངོ་སྤྲོད།
            ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ནི་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་ཆེན་མོ་མཆོག་དང་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཀྲའོ་པུའུ་ཁྲུའུ་རྣམ་གཉིས་ཀྱི་འབོད་སྐུལ་འོག 1987ལོའི་ཟླ་9ཚེས་1ཉིན་པེ་ཅིན་དགོན་སེར་ནུབ་མར་བཙུགས། སློབ་གླིང་འདི་ནི་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྤུས་ཚད་མཐོ་བའི་དགེ་འདུན་པ་གསོ་སྐྱོང་བྱེད་སའི་སློབ་གླིང་རིམ་པ་མཐོ་ཤོས་དང་། བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་ལམ་ལུགས་གསར་པ་ལག་བསྟར་བྱེད་མཁན་དང་མཐོ་རམས་པའི་ཡོན་གནས་སྤྲོད་མཁན་གྱི་སྡེ་ཚན་ཉག་གཅིག་ཡིན། མཐོ་རིམ་ཡོན་གནས་འཛིན་གྲྭའི་སློབ་ཡུན་ལོ་3ཡིན། འཁྲིད་བྱའི་ནང་དོན་གཙོ་བོར་ནང་རིག་དང་། ཐུན་མོང་རིག་གནས་ཤེས་བྱའི་སྐོར་ཡོད། ནང་རིག་དགེ་རྒན་རྣམས་ནི་སྐུ་ཡོན་ཆེ་ལ་འཆད་རྩོད་རྩོམ་གསུམ་གྱི་གྲུབ་འབྲས་དང་ཉམས་མྱོང་ཕུན་སུམ་ཚོགས་ཤིང་སྙན་གྲགས་ལྡན་པ་ཤ་སྟག་ཡིན་པ་དང་། ཐུན་མོང་སློབ་ཚན་དང་རིག་གནས་སློབ་ཚན་ནི་ངེད་སློབ་གླིང་གི་ཐུན་མོང་སློབ་ཚན་ཁྲིད་དཔྱོད་ཁང་གི་དགེ་རྒན་རྣམ་པས་ཁྲིད་ཀྱིན་ཡོད།
            བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་ལམ་ལུགས་ནི་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཁག་གི་ཡོན་གནས་ལམ་ལུགས་རྒྱུན་འཛིན་དང་དཔྱད་གཞིར་བཟུང་ཐོག དེང་རབས་ཀྱི་སློབ་གསོ་གཉེར་ཐབས་ལ་བརྟེན་ནས་བཙུགས་པའི་བོད་བརྒྱུད་ནང་བསྟན་གྲུབ་མཐའ་ཀུན་ལ་འཚམ་པའི་ཡོན་གནས་ལམ་ལུགས་གསར་བ་ཞིག་ཡིན། བསྡུ་བྱའི་སློབ་མ་རྣམས་ནི་གཞུང་བཀའ་པོད་ལྔར་སྦྱངས་པ་རགས་ཙམ་ཟིན་པ་ཤ་སྟག་ཡིན་དགོས།
            སློབ་བསྡུའི་འཆར་གཞི་དང་མི་གྲངས།
            རྒྱལ་ཁབ་ཆོས་དོན་ཅུད་ཀྱིས་གཏན་ལ་ཕབ་པའི་《བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་སྤྲོད་ཐབས།(ཚོད་ལྟར་སྤྱོད་རྒྱུ)》གཞིར་བཟུང་སྟེ། 2019ལོར་ངེད་སློབ་གླིང་གིས་སྐབས་བཅོ་བརྒྱད་པའི་མཐོ་རམས་པའི་འཛིན་གྲྭར་ཁྱོན་སློབ་མ་39བསྡུ་རྒྱུ། དེར་དགེ་ལུགས་པའི་སློབ་མ་13དང་། བཀའ་བརྒྱུད་པའི་སློབ་མ་13དང་། རྙིང་མའི་སློབ་མ་13བཅས་བསྡུ་རྒྱུ་ཡིན་ལ། སློབ་ཡུན་ལོ་3ཡིན། དེར་བོད་རང་སྐྱོང་ལྗོངས་ནས་སློབ་མ་11དང་། སི་ཁྲོན་ནས་སློབ་མ་12དང་། མཚོ་སྔོན་ནས་སློབ་མ་12དང་། ཀན་སུའུ་ནས་སློབ་མ་2དང་། ཡུན་ནན་ནས་སློབ་མ་2བཅས་བསྡུ་རྒྱུ་ཡིན།
            1.དགེ་ལུགས་པའི་འཛིན་གྲྭར་བོད་རང་སྐྱོང་ལྗོངས་ནས་སློབ་མ་4དང་། སི་ཁྲོན་ནས་སློབ་མ་3དང་། མཚོ་སྔོན་ནས་སློབ་མ་3དང་། ཀན་སུའུ་ནས་སློབ་མ་2དང་། ཡུན་ནན་ནས་སློབ་མ་1བཅས་བསྡུ་རྒྱུ་ཡིན།
            2.བཀའ་བརྒྱུད་པའི་འཛིན་གྲྭར་བོད་རང་སྐྱོང་ལྗོངས་ནས་སློབ་མ་4དང་། སི་ཁྲོན་ནས་སློབ་མ་3དང་། མཚོ་སྔོན་ནས་སློབ་མ་5དང་། ཡུན་ནན་ནས་སློབ་མ་1བཅས་བསྡུ་རྒྱུ་ཡིན།
            3.རྙིང་མའི་འཛིན་གྲྭར་བོད་རང་སྐྱོང་ལྗོངས་ནས་སློབ་མ་3དང་། སི་ཁྲོན་ནས་སློབ་མ་6དང་། མཚོ་སྔོན་ནས་སློབ་མ་4བཅས་བསྡུ་རྒྱུ་ཡིན།
            ཞིང་ཆེན་ཁག་ནས་བསྡུ་རྒྱུའི་སློབ་མའི་གྲངས་ཀར་ཧེ་བག་བྱུང་ཚེ།  རྒྱུགས་འབྲས་དངོས་ལ་གཞིགས་ནས་འགྱུར་བ་འོས་འཚམ་གཏང་རྒྱུ། ཞིང་ལྗོངས་ལྔ་ཕུད་པའི་ས་གནས་གཞན་གྱི་རྒྱུགས་སྤྲོད་པས། འབྲེལ་ཡོད་ལས་རིམ་ལྟར་མིང་ཐོ་བཀོད་རྗེས། ཐག་གང་ཉེའི་རྒྱུགས་རར་ཕེབས་ཏེ་རྒྱུགས་ལ་ཞུགས་ཆོག ངེད་སློབ་གླིང་གིས་རྒྱུགས་འབྲས་གཞིར་བཟུང་ནས་བསྡུ་ལེན་བྱ་རྒྱུ་ཡིན། རྒྱུགས་འབྲས་དང་ཆ་རྐྱེན་གཞན་གཅིག་མཚུངས་ཀྱི་སྔོན་འགྲོའི་འོག འབྲིང་རམས་པའི་ཡོན་གནས་ཐོབ་ཡོད་པའི་སློབ་མ་བསྡུ་ལེན་བྱ་རྒྱུ།
            རྒྱུགས་སྤྲོད་དང་མཚམས་སྦྱོར་གྱི་ཆ་རྐྱེན།
            ཆབ་སྲིད་ཐད་ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་ལ་བརྩི་བཀུར་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་དགའ་ཞེན། མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ། སྒྲིག་ཁྲིམས་ལ་བརྩི་སྲུང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་མཁན་ཞིག་དགོས་པ་དང་། ཆོས་ལུགས་ཀྱི་དད་པ་བརྟན་པ། ཚུལ་ཁྲིམས་གཙང་ཞིང་། ནང་རིག་གི་རྨང་གཞི་བཟང་པོ་དགོས་པ་མ་ཟད། རྩོམ་འབྲིའི་རྨང་གཞི་ངེས་ཅན་ལྡན་ལ་ལུས་པོ་བདེ་ཐང་དང་། བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པ་ཡིན་དགོས། རྒྱུགས་སྤྲོད་མཁན་དགུང་ལོ་30ཡན་ཡིན་དགོས།
            མིང་ཐོ་འགོད་རིམ།
            གཅིག རང་འདོད་ལྟར་རེ་ཞུ་རྒྱག་པ། གཉིས། དགོན་པ་གཞུང་ནས་མོས་མཐུན་ཡོད་པའི་འོས་སྦྱོར་ཡི་གེ་ལེན་པ། གསུམ། རྫོང་རིམ་པ་དང་དེ་ཡན་གྱི་ས་གནས་འཐབ་ཕྱོགས་གཅིག་གྱུར་པུའུ་ནས་ཆོག་མཆན་འོས་སྦྱོར་ཡི་གེ་ལེན་པ། བཞི། གོང་གསལ་འབྲེལ་ཡོད་དན་རྟགས་བསྣམས་ནས་སློབ་བསྡུའི་རྒྱུགས་ལ་ཞུགས་དགོས།
            དུས་ཚོད་དང་བླང་བྱ།
            ཞིང་ལྗོངས་ལྔའི་འཐབ་སྒྲིལ་སྡེ་ཁག་གིས་དངོས་སུ་བསྡུ་རྒྱུའི་སློབ་མའི་གྲངས་ཚད་ཀྱི་ལྡབ་3ལས་མི་ཉུང་བ་འོས་སྦྱོར་བྱས་པའི་རྗེས། སྤྱི་ལོ2019ལོའི་ཟླ་4པའི་ཚེས་27གྱི་གོང་དུ། རང་ཁོངས་ཀྱི་རྒྱུགས་འབུལ་བའི་མིང་ཐོ་མཐོ་རིམ་ནང་བསྟན་སློབ་གླིང་ལ་སྤྲོད་དགོས་པ་མ་ཟད། ཐག་གང་ཉེའི་རྒྱུགས་ར་བདམ་ནས་དུས་ཐོག་ཏུ་རྒྱུགས་སྤྲོད་པ་རྣམས་རྒྱུགས་ལ་ཞུགས་སུ་འཇུག་དགོས། རྒྱུགས་ལ་ཞུགས་མཁན་རྣམས་ཀྱིས་རང་ཉིད་གནས་སའི་རྫོང་རིམ་པ་ཡན་(རྫོང་རིམ་པ་ཚུད་ཡོད་)གྱི་འཐབ་ཕྱོགས་གཅིག་གྱུར་པུའུ་ནས་ཆོག་མཆན་བྱུང་བའི་ཡིག་ཆ་དང་། རང་དགོན་གྱི་འོས་སྦྱོར་ཡི་གེ ཐོབ་ཐང་ལག་ཁྱེར། ཆོས་ལུགས་མི་སྣའི་ལག་ཁྱེར།(སྤྲུལ་སྐུའི་ལག་ཁྱེར།)སྐུ་པར་ཚོན་གཅིག་ཅན་གསུམ་བཅས་བསྣམས་ཏེ་ཕེབས་དགོས།
            རྒྱུགས་ལེན་ཁྱབ་ཁོངས་དང་ལེན་ཐབས།
            རྒྱུགས་ཀྱི་ནང་དོན་ལ་ནང་རིག་དང་། ཆབ་སྲིད། རིག་གནས་བཅས་བསླབ་བྱ་གསུམ་ཡོད།
            1.རྒྱུགས་ལེན་ཁྱབ་ཁོངས། ནང་རིག་གི་རྒྱུགས་ལེན་ཁྱབ་ཁོངས་ནི་《ཚད་མ་》དང་《ཕར་ཕྱིན་》《དབུ་མ་》བཅས་ཆ་ཚང་དང་།《མཛོད་》ཀྱི་གནས་དང་པོ་ནས་གནས་བཞི་བ་རྫོགས་ཀྱི་བར་ལེན་རྒྱུ། 《འདུལ་བ》གཞི་སྟོད་ཡན་ཆད་ལེན་རྒྱུ། ཆབ་སྲིད་ལ་གཙོ་བོར་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་》ཀྱི་ནང་དོན་ལེན་རྒྱུ། རིག་གནས་ཀྱི་སྐོར་ལ་སུམ་རྟགས་དང་རྩོམ་ཡིག  རྒྱའི་སྐད་ཡིག་གི་རྨང་གཞིའི་ཤེས་བྱ་བཅས་ལེན་རྒྱུ་ཡིན།
            2.རྒྱུགས་ལེན་ཐབས། ནང་རིག་གི་རྒྱུགས་ནི་འཆད་རྩོད་གཉིས་ལས་རྩོད་རྒྱུགས་གཙོ་བོར་ལེན་རྒྱུ། དབུ་ཚད་ཕར་གསུམ་ཕྱོགས་ཀྱི་རིགས་ལུང་བས་རྟགས་གསལ་རེ་རེ་གཏོང་རྒྱུ་དང་། རྒྱུགས་སྤྲོད་པ་ནང་ཕན་ཚུན་དུ་ཁ་བྱང་འཐེན་ཏེ་དབུ་ཚད་ཕར་གསུམ་ལས་གང་བབས་གཅིག་གཏོང་རྒྱུ། མཛོད་འདུལ་གཉིས་རྒྱུགས་སྤྲོད་པས་སློབ་གླིང་གིས་བསྒྲིགས་པའི་རྟགས་གསལ་ཁ་བྱང་ལས་འཐེན་ནས་ནང་ཕན་ཚུན་ལ་གཏོང་རྒྱུ། ཆབ་སྲིད་ཀྱི་རྒྱུགས་སྤྲོད་སྐབས་དཔྱད་གཞིའི་ཡིག་ཆར་བལྟས་ཆོག་པ་དང་། རིག་གནས་ཀྱི་རྒྱུགས་སྤྲོད་སྐབས་དཔྱད་གཞིའི་ཡིག་ཆར་བལྟས་མི་ཆོག
            སློབ་མ་བསྡུ་ཐབས།
            མཐོ་རིམ་ནང་བསྟན་སློབ་གླིང་གིས་རྒྱུགས་འབུལ་བའི་རྒྱུགས་འབྲས་ལ་ཕྱོགས་ཡོངས་ནས་བརྟག་སྟེ། ཕུལ་བྱུང་གི་རིགས་བདམ་ནས་བསྡུ་ལེན་བྱ་རྒྱུ་ཡིན།
            རྒྱུགས་ར་བཀོད་སྒྲིག་དང་རྒྱུགས་ལེན་པའི་དུས་ཚོད།
            1. ཀན་སུའུ་ཞིང་ཆེན་བླ་བྲང་དགོན་པར་རྒྱུགས་ར་དང་པོ་བཀོད་སྒྲིག་བྱ་རྒྱུ། དེ་གའི་རྒྱུགས་ལ་ཞུགས་མཁན་ནི་དགེ་ལུགས་པ་དང་རྙིང་མའི་དགེ་འདུན་པ་ཡིན་དགོས། འབྱོར་ཐོ་འགོད་པའི་དུས་ཚོད་ནི་2019ལོའི་ཟླ་6ཚེས་4ནས་ཚེས་5བར་ཡིན། རྒྱུགས་ལེན་པའི་དུས་ཚོད་ནི་ཟླ་6ཚེས་6ནས་ཚེས་9བར་ཡིན།
            2. སི་ཁྲོན་ཞིང་ཆེན་སྡེ་དགེ་རྫོང་རྫོགས་ཆེན་དགོན་དུ་རྒྱུགས་ར་གཉིས་པ་བཀོད་སྒྲིག་བྱ་རྒྱུ། དེ་གའི་རྒྱུགས་ལ་ཞུགས་མཁན་ནི་རྙིང་མ་བ་དང་དགེ་ལུགས་པའི་དགེ་འདུན་པ་ཡིན་དགོས། འབྱོར་ཐོ་འགོད་པའི་དུས་ཚོད་ནི་2019ལོའི་ཟླ་6ཚེས་4ནས་ཚེས་5བར་ཡིན། རྒྱུགས་ལེན་པའི་དུས་ཚོད་ནི་ཟླ་6ཚེས་6ནས་ཚེས་9བར་ཡིན།
            3.ཡུལ་ཤུལ་ཁུལ་ནང་བསྟན་སློབ་གྲྭར་རྒྱུགས་ར་གསུམ་པ་བཀོད་སྒྲིག་བྱ་རྒྱུ། དེ་གའི་རྒྱུགས་ལ་ཞུགས་མཁན་ནི་དགེ་ལུགས་པ་དང་བཀའ་བརྒྱུད་པའི་དགེ་འདུན་པ་ཡིན་དགོས། འབྱོར་ཐོ་འགོད་པའི་དུས་ཚོད་ནི་2019ལོའི་ཟླ་5ཚེས་25ནས་ཚེས་26བར་ཡིན། རྒྱུགས་ལེན་པའི་དུས་ཚོད་ནི་ཟླ་5ཚེས་27ནས་ཚེས30བར་ཡིན།
            4.བོད་རང་སྐྱོང་ལྗོངས་ནང་བསྟན་སློབ་གླིང་དུ་རྒྱུགས་ར་བཞི་བ་བཀོད་སྒྲིག་བྱ་རྒྱུ། དེ་གའི་རྒྱུགས་ལ་ཞུགས་མཁན་ནི་དགེ་ལུགས་པ་དང་བཀའ་བརྒྱུད་པ། རྙིང་མའི་དགེ་འདུན་པ་ཡིན་དགོས། འབྱོར་ཐོ་འགོད་པའི་དུས་ཚོད་ནི་2019ལོའི་ཟླ་5ཚེས་25ནས་ཚེས་26བར་ཡིན། རྒྱུགས་ལེན་པའི་དུས་ཚོད་ནི་ཟླ་5ཚེས་27ནས་ཚེས30བར་ཡིན།
            འབྲེལ་ཡོད་གསལ་བཤད།
            1.སློབ་བསྡུའི་རྒྱུགས་ལ་ཞུགས་མཁན་སློབ་མ་རྣམས་རྒྱུགས་ལ་ཞུགས་སྐབས་ཀྱི་ལམ་གླ་དང་། མགྲོན་ཁང་གི་གླ་ཆ། དེ་བཞིན་ཞལ་ལག་གི་འགྲོ་སོང་སོགས་སློབ་མ་རང་ཉིད་ནས་གཏོང་དགོས།
            2.རྒྱུགས་འཕྲོད་དེ་སློབ་གྲྭར་བསྡུས་རྗེས། སློབ་གྲྭར་བཞུགས་སྐབས་ཀྱི་ཁང་པ་དང་ཞལ་ལག་གི་འགྲོ་སོང་ཚང་མ་སློབ་གླིང་ནས་མཁོ་འདོན་བྱ་རྒྱུ། ལོ་རེར་དབྱར་གནང་ཐེངས་གཅིག་གཏོང་བ་ལས་དགུན་གནང་མེད། འབྲེལ་ཡོད་གཏན་འབེབས་ལྟར་ལོ་རེའི་དབྱར་གནང་སྐབས་ཀྱི་ལམ་གླ་སློབ་གླིང་ནས་རྩིས་ཞུ་བྱ་རྒྱུ།
            3.སློབ་གླིང་ལ་ཞུགས་རྗེས་སྤྱིར་དགོན་པའི་བྱ་དོན་ལ་ཞུགས་མི་ཆོག་པ་དང་། དགོངས་དུས་རིང་ཤོས་ལ་ཉིན་15ཡན་ཞུ་མི་ཆོག
            འཁྲིད་བྱའི་ནང་དོན།
            1.སློབ་ཡུན་ལོ་གསུམ་ཡིན། མཐོ་རིམ་ནང་བསྟན་སློབ་གླིང་དུ་ཉུང་མཐར་ཡང་ཟླ་16གི་རིང་ལ་སློབ་གཉེར་བྱ་དགོས་ཤིང་། དེའི་རིང་ནང་རིག་སློབ་ཚན་གྱི་འཁྲིད་བྱའི་ནང་དོན་གཙོ་བོར《དབུ་མ་》ཡི་སྨད་ཆ་སྟེ་སེམས་བསྐྱེད་དྲུག་པ་ནས་མཇུག་བར་དང་། 《མཛོད་》ཀྱི་གནས་དང་པོ། གཉིས་པ། ལྔ་བ། བདུན་པ་བཅས་གཙོ་བོར་བཟུང་ནས་འཁྲིད་རྒྱུ། 《འདུལ་བ་》ཆ་ཚང་བཅས་ཡིན། རྣམ་འགྲེལ་དང་ཕར་ཕྱིན་བསྐྱར་སྦྱོང་བྱ་རྒྱུ།
            2.ཐུན་མོང་སློབ་ཚན་གྱི་འཁྲིད་བྱའི་ནང་དོན་གཙོ་བོ་ནི་《རྩ་ཁྲིམས་དང་བཅའ་ཁྲིམས》《ཀྲུང་གོའི་ཉེ་རབས་དང་དེང་རབས་ལོ་རྒྱུས།》《ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གཞུང་ལུགས་མ་ལག་སྤྱི་བཤད།》 བཅས་དང་། རྒྱ་ཡིག་རྒྱ་སྐད་དང་། གློག་ཀླད། དཔྱད་རྩོམ་འབྲི་ཚུལ། བོད་ཡིག་གི་བརྡ་སྤྲོད་བཅས་ཡིན།
            3.འབྲེལ་ཡོད་གཏན་འབེབས་ལྟར། སློབ་གླིང་གིས་སྦྱངས་འབྲས་ལེགས་པའི་སློབ་མར་བྱ་དགའི་དངུལ་སྤྲོད་རྒྱུ་ཡིན།
            ཡོན་གནས་སྤྲོད་ཐབས་སྐོར་གྱི་གསལ་བཤད།
            སློབ་སྦྱོང་སྦྱངས་འབྲས་དང་ཕྱོགས་བསྡུས་སྦྱངས་འབྲས་ཚད་ལོངས་པའི་ཁར། རྒྱུགས་ལེན་ཐོབ་ཐང་ཞིབ་བཤེར་དང་དཔྱད་རྩོམ་བགྲོ་གླེང་། ཡོན་གནས་རྩོད་རྒྱུགས་སོགས་ལོན་པའི་མཐོ་རམས་འཛིན་གྲྭའི་སློབ་ཐོན་སློབ་མར། 《བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་སྤྲོད་ཐབས།(ཚོད་ལྟར་སྤྱོད་རྒྱུ)》གཞིར་བཟུང་སྟེ་མཐོ་རམས་པའི་ཡོན་གནས་སྤྲོད་རྒྱུ། སློབ་སྦྱོང་གི་སྦྱངས་འབྲས་དང་ཕྱོགས་བསྡུས་སྦྱངས་འབྲས་ཚད་མ་ལོངས་ཚེ། ཡོན་གནས་རྩོད་རྒྱུགས་སུ་ཞུགས་མི་ཆོག
            མཚོ་སྔོན་དང་སི་ཁྲོན་གྱི་རྒྱུགས་རའི་འབྲེལ་གཏུག་པ།
            དཔལ་རྡོར་སྐྱབས།13811410556 འཇིགས་མེད་གྲགས་པ།18910877509
            བོད་ལྗོངས་དང་ཀན་སུའུ་ཡི་རྒྱུགས་རའི་འབྲེལ་གཏུག་པ།
            ཕུར་བུ་དོན་གྲུབ།13691223033སྐལ་བཟང་བློ་གསལ།18910877513
            པེ་ཅིན་གྱི་འབྲེལ་གཏུག་པ། བཀྲ་ཤིས་ཉི་མ། 010-58334628དང13681398183
            བརྙན་སྐྱེལ།  010-58350922
            དྲ་གནས། http://gjfxy.qcjrlm.cn
            འབྲེལ་གཏུག་བྱ་ཡུལ། པེ་ཅིན་གྲོང་ཁྱེར་ཁྲའོ་དབྱང་ཁུལ་དགོན་སེར་ལམ་ཆེན་སྒོ་རྟགས་11པ།
            སྦྲགས་ཨང་། 100120
            通訊地址_||最后的格格吻戏:北京市朝陽區黃寺大街11號  
            郵編_-_金丝蓉:100120

                                ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་
                                     སློབ་བསྡུ་གཞུང་ལས་ཁང་གིས།
2019ལོའི་ཟླ1ཚེས17ཉིན།