ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཝུའུ་དབྱིང་ཅེས་རྩིས་བཤེར་ལས་དོན་ལ་བླང་བྱ་འདི་དག་བཏོན་འདུག

སྤེལ་དུས 2019-02-27 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
འདི་ནི་ཚོགས་འདུའི་ཚོགས་ར་ཡིན་པ།
             ཚེས་25ཉིན་གྱི་སྔ་དྲོར། ལྗོངས་ཏང་ཨུད་རྩིས་བཤེར་ཨུ་ལྷན་གྱི་ཚོགས་འདུ་ལྷ་སར་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ལྗོངས་ཏང་ཨུད་རྩིས་བཤེར་ཨུ་ལྷན་གྱི་ཀྲུའུ་རེན་ཝུའུ་དབྱིང་ཅེ་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་རེད། ཁོང་གིས་གཅིག་ནས་བོད་ཀྱི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་གཏན་འཁེལ་བྱས་པའི་སྲིད་ཇུས་བྱ་ཐབས་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་ཚུན། ལྗོངས་ཏང་ཨུད་ཀྱིས་གཏན་འཁེལ་བྱས་པའི་གཟིགས་སྐྱོང་སྲིད་ཇུས་སྣ་ཚོགས་ལ་རེ་རེ་བཞིན་གསེད་བཀྲོལ་བྱས་ཏེ་རྩིས་བཤེར་དོན་འཁྱོལ་གྱི་གནས་ཚུལ་ལ་རྗེས་སྙེག་བྱས་ནས་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་དེ་བས་ལེགས་པ་དང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཕན་པ་དེ་བས་ཆེ་བ་ཐོབ་པར་སྐུལ་འདེད་གཏོང་དགོས།
             གཉིས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་བོད་ཀྱི་དོན་དངོས་ལ་གཞི་ཚུགས་པ་དང་། བོད་ཀྱི་ལས་དོན་གྱི་དམིགས་ས་དང་། ཤུགས་རྒྱག་ས། འགོ་ཚུགས་ས། དོན་ལ་འབབ་ས་བཅས་ལ་དམ་པོར་དམིགས་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཡིག་འབྲུ་བརྒྱད་ཀྱི་བྱེད་ཕྱོགས་མཐའ་འཁྱོངས་ཡག་པོ་བྱེད་པ། དགེ་མཚན་ལྡན་པའི་ནོར་སྲིད་ཀྱི་སྲིད་ཇུས་ལག་བསྟར་ལ་སྐུལ་འདེད་གཏོང་བ། སྲིད་གཞུང་རང་བཞིན་གྱི་བུན་འགན་དང་། དངུལ་རྩ་སོགས་ཉེན་ཁ་ཆེ་བའི་ཁྱབ་ཁོངས་དང་ལྷུ་ཚིགས་ལ་རྩིས་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱེད་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་རོགས་རམ་བྱེད་པ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱེད་དགོས།
             གསུམ་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་དོན་འཁྱོལ་བྱས་ནས་དམངས་འཚོའི་སྟོན་ཕྱོགས་མངོན་གསལ་དོད་པོར་འཇོག་པ་དང་། ལས་དོན་མཐའ་དག་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱེད་པའི་ཐད་གཅིག་ཏུ་བསྡུ་བ། དཀའ་ངལ་དང་རྙོག་དྲ་སྲིད་གཞུང་གིས་ཐག་གཅོད་བྱེད་པ་དང་སྟབས་བདེ་དང་དངོས་ཕན་མང་ཚོགས་ལ་སྤྲོད་པ་མཐའ་འཁྱོངས། དམངས་འཚོའི་ཁྱབ་ཁོངས་ཀྱི་རྩིས་བཤེར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། དབུལ་སྐྱོར་རྩིས་བཤེར་མུ་མཐུད་བྱེད་པ། དམངས་ཕན་སྲིད་ཇུས་དོན་འཁྱོལ་གྱི་གནས་ཚུལ་གྱི་རྩིས་བཤེར་ལྟ་སྐུལ་ལ་ཤུགས་སྣོན། ལས་ཞུགས་ཀྱི་སྲིད་ཇུས་ལག་ལེན་ནུས་ལྡན་བསྟར་བར་སྐུལ་འདེད་ཧུར་ཐག་གཏོང་བ། ལྷག་པར་དུ་དབུལ་སྐྱོར་སྲིད་ཇུས་ཀྱི་གསེད་བཀྲོལ་འབྲེལ་མཐུད་དང་། འཐུས་ཚང་ལེགས་སུ་གཏོང་བར་ཤུགས་སྣོན། རང་དགར་ཚད་གཞི་མཐོ་རུ་དང་འདོད་རྔམ་ཆེ་རུ་མ་འགྲོ་སྔོན་འགོག“ཕན་བདེའི་དོང་རྙི”དང“གཡང་ཟར་གྱི་ནུས་འབྲས”མི་ཐོན་པ་བཅས་བྱེད་དགོས།
             བཞི་ནས་དབང་ཆ་བཀོལ་སྤྱོད་ཚད་ལྡན་དུ་བཏང་ནས་ཏང་སྲིད་འགན་འཁྲི་མཉམ་འཁུར་དང་མཉམ་དུ་རྩིས་བཤེར་མཐའ་འཁྱོངས་དང་། འགོ་ཁྲིད་ལས་བྱེད་པའི་དཔལ་འབྱོར་གྱི་འགན་འཁྲི་རྩིས་བཤེར་དང་རང་བྱུང་ཐོན་ཁུངས་དང་མ་རྩ་འགོ་ཁྲིད་ལས་བྱེད་པ་གོ་གནས་ལས་བྲལ་སྐབས་ཀྱི་རྩིས་བཤེར་ནང་འཇུག་པའི་ལས་དོན་ཡག་པོ་སྒྲུབ་པ། ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས། དགོས་པའི་ལས་མི་བྱེད་པ། ལས་ཀ་ནར་འགྱངས་བྱེད་པ་བཅས་ལ་རྩིས་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། དབང་ཆ་བཀོལ་སྤྱོད་ལ་ཚོད་འཛིན་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། ལས་བྱེད་པས་འགན་འཁྲི་ཁུར་ནས་ལས་དོན་སྒྲུབ་པར་ལྕག་སྐུལ་དང་ནོར་འཁྲུལ་ཤོར་རུང་ལ་ནོར་འཁྲུལ་ཡོ་བསྲང་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་ལས་འགན་སྒྲུབ་ཕོད་པའི་ལས་བྱེད་པར་ལས་འགན་སྒྲུབ་ཏུ་འཇུག་པ་དང་། འགན་འཁྲི་འཁུར་ཕོད་པའི་ལས་བྱེད་པར་འགན་འཁྲི་ཁུར་དུ་བཅུག་སྟེ་ལས་བྱེད་པས་ལས་དོན་གྲུབ་པ་དང་ལས་གཏོད་བྱེད་པའི་ཧུར་སེམས་སྲུང་སྐྱོང་ཡག་པོ་བྱེད་དགོས། 

རྩོམ་སྒྲིག་པ། སངས་སྐྱབས།