ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ད་ལོར་དགེ་རྒན་ཚོར་གཟིགས་སྐྱོང་སྲིད་ཇུས་མང་པོ་འདོན་རྒྱུ་རེད།

སྤེལ་དུས 2019-02-27 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
          སྤྱི་ཟླ་2ཚེས་15ཉིན་སློབ་གསོ་པུའུ་ཡིས་འཚོགས་པའི“དགེ་རྒན་དཔུང་ཁག་འཛུགས་སྐྱོང”གིས་བརྗོད་དོན་གཙོ་བོ་བྱས་པའི་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཤེས་རྟོགས་བྱུང་བའི་གནས་ཚུལ་ལྟར་ན། 2019ལོར་སློབ་གསོ་པུའུ་ཡིས་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་འདོན་རྒྱུ་རེད།
          དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་དགེ་རྒན་གྱི་གཟུགས་བརྙན་ཕྱོགས་ཡོངས་ནས་ལེགས་སུ་གཏོང་རྒྱུ།
          2019ལོར། དུས་རབས་གསར་པའི་དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་སྐོར་གྱི་བསམ་འཆར་འདོན་རྒྱུ་སྟེ། ས་གནས་དང་སློབ་གྲྭ་ཁག་ལ་དགེ་རྒན་གྱི་ལས་རིགས་བྱ་སྤྱོད་ཀྱི་ཚད་གཞི་ལག་ལེན་བསྟར་བར་ལྟ་སྐུལ་དང་ལམ་ལུགས་ལག་བསྟར་ཞིབ་ཕྲ་བཟོས་ཏེ། ཚད་གཞི་དང་བླང་བྱ་དགེ་རྒན་གྱི་བྱ་སྤྱོད་ཁ་ཕྱོགས་དང་བྱ་སྤྱོད་བཀག་སྡོམ་གྱི་མཐའ་ཚད་ལ་འགྱུར་བར་བྱེད་རྒྱུ་རེད།
          ས་གནས་ཁག་ཅིག་གི་དགེ་རྒན་ལ་མཐོང་ཆེན་མི་བྱེད་པ་དང་འགྲོ་གྲོན་མི་འདང་བ་སོགས་ཀྱི་གནད་དོན་ཐག་གཅོད་རྒྱུ།
          2019ལོར། སློབ་གསོ་པུའུ་ཡིས་དགེ་འོས་སློབ་གླིང་དང་དགེ་འོས་ཆེད་ལས་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ་དང་། རྒྱལ་ཁབ་ཀྱི་དགེ་འོས་སློབ་གསོའི་རྟེན་གཞི་དང་དགེ་རྒན་གྱི་སློབ་གསོ་སྒྱུར་བཅོས་ཚོད་ལྟའི་ཁུལ་སྐྲུན་འགོ་འཛུགས་རྒྱུ་དང་། དགེ་རྒན་གྱི་སློབ་གསོའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་མ་ཟད། རིག་གཞུང་ཚན་ཁག་གི་སློབ་ཁྲིད་རིག་པ་སོགས་ཀྱི་དགེ་རྒན་རྒྱལ་ཁབ་ཕྱི་ནང་དུ་ཞིབ་འཇུག་དང་ཟབ་སྦྱོང་བྱེད་པར་སྒྲིག་འཛུགས་བྱེད་རྒྱུ་དང་། ཆེད་ལས་ཀྱི་ཁས་ལེན་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ལ། འབྲིང་རིམ་དང་དམིགས་བསལ་སློབ་ཁྲིད་ཀྱི་དགེ་འོས་རིགས་ཀྱི་ཆེད་ལས་ཁས་ལེན་གྱི་ཚད་གཞི་འདོན་རྒྱུ་དང་། རིམ་གསུམ་དང་རིགས་ལྔའི་ཁས་ལེན་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་རེད།

          སྒྲིག་ཁོངས་བཀོད་སྒྲིག་གི་སྐུལ་འདེད་ལ་གསར་གཏོད་བྱས་ནས་སློབ་གྲྭ་ཆུང་འབྲིང་དང་བུ་བཅོལ་ཁང་གི་དགེ་རྒན་མི་འདང་བའི་གནད་དོན་ཐག་གཅོད་ཧུར་ཐག་བྱེད་རྒྱུ།
          2019ལོར། སློབ་གསོ་པུའུ་ཡིས་སྒྲིག་སྲོལ་ལ་མུ་མཐུད་ཞིབ་འཇུག་བྱེད་པར་ཤུགས་སྣོན་དང་། སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ལས་བཟོའི་སྒྲིག་ཁོངས་འགན་ལེན་སྔར་བས་གསར་གཏོད་དང་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་ཞིབ་བཟོ་བྱེད་རྒྱུ་དང་། ས་གནས་ཁག་གིས་སྒྲིག་ཁོངས་སྤྱི་འདོམས་དང་ལས་རིགས་ལས་སྒྲོལ་བ་དང་། སྡེ་ཚན་ལས་སྒྲོལ་བ། ས་ཁོངས་ལས་སྒྲོལ་བ་བཅས་ཀྱི་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བར་སྐུལ་འདེད་བཏང་སྟེ་བེད་མེད་དུ་ལུས་པའི་སྒྲིག་ཁོངས་སྤྱད་ནས་སྒྲིག་ཁོངས་སྤྱོད་ནུས་ཆེ་རུ་གཏོང་རྒྱུ་རེད།
          སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ལས་ཞུགས་ཆ་རྐྱེན་མཐོ་རུ་གཏོང་རྒྱུ།
          2019ལོར། སློབ་གསོ་པུའུ་ཡིས་ཡིག་རྒྱུགས་གཏོང་སྟངས་དང་། ཚད་གཞི། རྩ་གནད་བཅས་བཟོ་བཅོས་དང་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ་དང་།སློབ་གསོ་སྲིད་འཛིན་སྡེ་ཚན་དང་ཡིག་རྒྱུགས་འགན་འཁུར་སྒྲིག་གཞིས་མིང་གང་རུང་ལ་བརྟེན་ནས་དགེ་རྒན་གྱི་ཐོབ་ཐང་ཡིག་རྒྱུགས་གསོ་སྦྱོང་ངམ་ཡང་ན་འབྲེལ་ཡོད་བྱེད་སྒོ་སྤེལ་མི་ཆོག་པའི་བསྐྱར་ཞུ་བྱེད་རྒྱུ་མ་ཟད། སྤྱི་བདེ་སྡེ་ཚན་དང་མཉམ་དུ་ལས་དོན་སྤེལ་ཤུགས་སྔར་བས་ཆེ་རུ་བཏང་སྟེ་གཡོ་ཟོལ་སྣ་ཚོགས་དང་ལག་ཁྱེར་རྫུན་མ་བཟོ་བའི་ཁྲིམས་འགལ་གྱི་ཉེས་གསོག་བྱེད་སྤྱོད་སྣ་ཚོགས་ལ་མཐའ་གཅིག་ཏུ་དོགས་ཟོན་དང་རྡུང་རྡེག་གཏོང་རྒྱུ་རེད།
          གོ་མིང་ལམ་ལུགས་ལ་སྒྱུར་བཅོས་གཏིང་ཟབ་བྱས་ནས་རྒྱ་ཆེའི་དགེ་རྒན་གྱི་ལས་རིགས་འཕེལ་རྒྱས་ལམ་བུ་རྒྱ་ཆེ་རུ་གཏོང་རྒྱུ།
          2019ལོར། སློབ་གསོ་པུའུ་ཡིས་སློབ་གྲྭ་ཆུང་འབྲིང་དང་། འབྲིང་རིམ་ལས་རིགས། མཐོ་སློབ་ལས་གནས་བཅས་ཀྱི་བཀོད་སྒྲིག་དང་མཛུབ་ཁྲིད་བསམ་འཆར་ཞིབ་འཇུག་བྱས་ནས་བཟོས་ཏེ། སློབ་གྲྭ་ཆུང་འབྲིང་གི་མཐོ་རིམ་གོ་མིང་རྒན་པའི་མི་གྲངས་ཚོད་འཛིན་བྱེད་ཐབས་ལ་འགྱུར་ལྡོག་གཏོང་རྒྱུ་དང་། ས་གནས་ཁག་གིས་ཞིབ་བཅད་ལས་གནས་གྲུབ་ཆའི་བསྡུར་གྲངས་ནང་ཚུན་དུ་དཔྱད་ཞིབ་ལས་དོན་སྤེལ་རྒྱུ། འབྲིང་རིམ་དང་མཐོ་སློབ་དགེ་རྒན་གྱི་གོ་མིང་ལམ་ལུགས་སྒྱུར་བཅོས་ཀྱི་མཛུབ་ཁྲིད་བསམ་འཆར་ལ་ཞིབ་འཇུག་བྱས་ནས་བཟོས་ཏེ། མཐོ་སློབ་དགེ་རྒན་གྱི་གོ་མིང་དཔྱད་ཞིབ་དབང་ཆ་གཤམ་སྤྲོད་ཀྱི་ལྟ་འདོམས་དང་ཞབས་འདེགས་ལ་ཤུགས་སྣོན་རྒྱག་རྒྱུ་རེད།
          དགེ་རྒན་གྱི་ཐོབ་ཐང་འགན་ལེན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ།
          2019ལོར། སློབ་གསོ་པུའུ་ཡིས་དགེ་རྒན་གྱི་ཐོབ་ཐང་འགན་ལེན་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། ལྟ་སྐུལ་མཛུབ་ཁྲིད། ཞིབ་དཔྱད་ལ་ཤུགས་སྣོན། དོ་དམ་ནན་པོ་མཐར་ཕྱིན་པ། གནད་དོན་སླར་ཡང་མི་ལྷག་པ་བཅས་བྱས་ནས་འོས་འགན་སློབ་གསོའི་དགེ་རྒན་གྱི་ཐོབ་ཐང་དང་གླ་ཕོགས་འགན་ལེན་བྱེད་པའི་རྒྱལ་ཁབ་ཀྱི་སྲིད་ཇུས་དོན་འཁྱོལ་བྱེད་རྒྱུ་རེད།
          གྲོང་གསེབ་དང་ས་ཁུལ་དབུལ་པོའི་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ།
          གནས་བབ་དང་ཐོབ་ཐང་སྔར་བས་ཆེ་རུ་གཏོང་རྒྱུ་དང་། འཚོ་བའི་ཁ་གསབ་ཀྱི་ཚད་གཞི་མཐོ་རུ་དང་གཞི་ཁྱོན་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་རྒྱུ། གྲོང་གསེབ་ཏུ་དགེ་རྒན་བྱས་ནས་ལོ་30སོང་བའི་དགེ་རྒན་ལ་གཟི་བརྗིད་མཚན་སྙན་གྱི་ལག་ཁྱེར་སྤྲོད་རྒྱུ། བྱང་ཚད་དང་འཇོན་ཐང་སྔར་བས་ཆེ་རུ་གཏོང་བའི་རྒྱལ་ཁབ་ཀྱི་གསོ་སྦྱོང་འཆར་གཞི་ལག་ལེན་བསྟར་རྒྱུ་བཅས་རེད།
རྩོམ་སྒྲིག་པ། རྡོ་རྗེ།