ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བདེ་ཐང་འགན་ལེན་བྱས། དམངས་ལ་དངོས་ཕན་ཐོབ།

སྤེལ་དུས 2019-02-27 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ། པ་ཚེས་བསྒྱུར།
——2018ལོའི་ལྷོ་ཁ་གྲོང་ཁྱེར་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་།
འདི་ནི་བོད་ལུགས་གསོ་རིག་སྨན་པ་ཞིང་འབྲོག་ཁུལ་དུ་བསྐྱོད་དེ་རྒྱ་ཆེའི་མང་ཚོགས་ལ་ནད་གཞི་བརྟག་དཔྱད་བྱེད་བཞིན་པ།
          2018ལོར། ལྷོ་ཁ་གྲོང་ཁྱེར་གྱིས་མི་དམངས་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་རྒྱུ་ལྟེ་བར་འཛིན་པ་དང་། སྨན་དང་སྨན་བཅོས་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་སྒུལ་ཤུགས་སུ་བྱེད་པ། ས་ཁོངས་སྨན་བཅོས་ལྟེ་གནས་བསྐྲུན་རྒྱུ་གཙོ་གནད་དུ་འཛིན་པ། སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་མཐོ་རུ་ནུས་ལྡན་གཏོང་བ། “བདེ་ཐང་ལྷོ་ཁ”འཛུགས་སྐྲུན་གཏིང་ཟབ་བཅས་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་སྨན་བཅོས་ཞབས་ཞུའི་འགན་ལེན་ནུས་པ་དང་སྨན་བཅོས་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་དང་། འཕྲོད་བསྟེན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། རིམ་ལྡན་སྨན་ཁང་སྐྲུན་པ། འཕྲོད་བསྟེན་གྲོང་ཁྱེར་གཏོད་པ་སོགས་ཀྱི་སྨན་བཅོས་འཕྲོད་བསྟེན་ལས་དོན་ལ་སྐུལ་འདེད་བཏང་བར་གྲུབ་འབྲས་གསར་པ་ཐོབ་ཡོད་པ་རེད།
          ཁྱིམ་གྱི་སྒོ་འགྲམ་དུ་ནད་གཞི་བསྟེན་རྒྱུ་བྱུང་ནས། སྨན་བཅོས་ཆ་རྐྱེན་ལེགས་སུ་མངོན་གསལ་དོད་པོ་ཕྱིན་པ།
          2018ལོར། ལྷོ་ཁ་གྲོང་ཁྱེར་གྱིས་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་དམ་འཛིན་བྱེད་གཞིར་བྱེད་པ་དང་། རིམ་ལྡན་སྨན་ཁང་བསྐྲུན་རྒྱུ་གོ་སྐབས་སུ་འཛིན་པ། སྨན་བཅོས་འཕྲོད་བསྟེན་གྱི་ཆུ་ཚད་རིམ་བཞིན་མཐོ་རུ་གཏོང་རྒྱུ་དམིགས་ཚད་དུ་འཛིན་པ་བཅས་བྱས་ནས་རིམ་དབྱེ་ནད་བརྟག་སྨན་བཅོས་ཚོད་ལྟ་བྱེད་པའི་རྨང་གཞིའི་ཐོག་སྨན་བཅོས་བྱེད་སྟངས་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས“ནད་ཆུང་རྫོང་དུ་བཅོས་ཐུབ་པ”དང“ནད་འབྲིང་གྲོང་ཁྱེར་དུ་བཅོས་ཐུབ་པའི”དམིགས་ཚད་སྤྱིར་ན་མངོན་འགྱུར་ཐུབ་པས་རྒྱ་ཆེའི་མང་ཚོགས་ཐག་ཉེ་ས་དང་སྟབས་བདེ་སར་ནད་གཞི་བསྟེན་པ་དང་སྨན་བཅོས་ཐུབ་ཡོད་པ་རེད།
          2018ལོར། ལྷོ་ཁ་གྲོང་ཁྱེར་གྱིས་སྨན་བཅོས་འཕྲོད་བསྟེན་རྣམ་གྲངས་ཁག་19གསར་སྐྲུན་དང་མཐུད་སྐྲུན་བྱས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་6.2བཏང་བ་དང་འབྲེལ། ཁྱོན་མ་དངུལ་སྒོར་ཁྲི་2800ལྷག་ཙམ་བཏང་བའི་འཕྲོད་བསྟེན་ཆ་འཕྲིན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་བརྟན་པོ་བཏང་ཡོད་པ་རེད།
          མང་ཚོགས་ལ་ཕན་པ་དངོས་ཐོབ་ནས། རྒྱུན་སྲིང་ལྷོད་མེད་ངང་བདེ་ཐང་དམངས་ཕན་ལ་ཤུགས་སྣོན་བརྒྱབ་པ།
          2018ལོར། ལྷོ་ཁ་གྲོང་ཁྱེར་གྱི་བདེ་ཐང་དམངས་ཕན་ལས་དོན་ལ་ཤུགས་སྣོན་སྔར་བས་ཐེབས་ནས“གཉིས་གཅོག་གཅིག་སྤོར”དང་། ཁྱིམ་ཚང་སྨན་པའི་གྲོས་མཐུན་འཇོག་པ། བདེ་ཐང་དབུལ་སྐྱོར། དམངས་ཡོངས་གཟུགས་པོར་བརྟག་དཔྱད། ཐུམ་འབུའི་ནད་འགོག་བཅོས་སོགས་རྒྱ་ཆེའི་མང་ཚོགས་དང་འབྲེལ་བ་དམ་ཟབ་ཡོད་པའི་སྨན་བཅོས་འཕྲོད་བསྟེན་གྱི་བྱ་ཐབས་རྒྱུན་ཆད་མེད་པར་གསར་གཏོད་ཐུབ་ཡོད་པ་རེད།
          ན་ནིང་། ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་དང་སྒྲིག་ཁོངས་ནང་ཚུད་པའི་གྲྭ་བཙུན་ལ་རིན་མེད་གཟུགས་པོར་བརྟག་དཔྱད་བྱེད་པའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ནས། ལོ་ཧྲིལ་པོར་གཟུགས་པོ་བརྟག་དཔྱད་བྱེད་མཁན་མི་ཐེངས་ཁྲི་32ཟིན་པ་དང་གཟུགས་པོར་བརྟག་དཔྱད་ཀྱི་ཡིག་ཚགས་བཟོ་ཚད་100%ཟིན་ཡོད། གྲོང་ཁྱེར་ཡོངས་ཀྱི“དམིགས་བསལ་བུ་ཕྲུག་ཁྱིམ་ཚང”ལ་རོགས་སྐྱོར་བྱེད་པའི་མ་དངུལ་ཚད་གཞི་མཐོ་རུ་བཏང་བ་དང“ཕྲུ་གུ་བུ་གཅིག་དང་བུ་མོ་གཉིས”ཀྱི་རོགས་སྐྱོར་བྱ་ཡུལ་ཁྱིམ་ཚང་གི་མི་6803ཟིན་ཡོད་པ་རེད།
          “ད་ལྟ་ནད་བལྟ་རྒྱུ་སྟབས་བདེ་པོ་འདུག སྲིད་གཞུང་གིས་ནད་པ་སྔོན་ལ་སྨན་ཁང་དུ་སྡོད་དུ་འཇུག་གི་འདུག སྨན་ཁང་ནས་དོན་སྐབས་གཞི་ནས་སོ་སོས་འགན་འཁུར་དགོས་པའི་སྨན་རིན་རྩིས་བརྒྱབ་ན་འགྲིག་གི་འདུག”ཅེས་ལྷུན་རྩེ་རྫོང་སྦྲ་སྒོར་གྲོང་ཚོ་ནས་ཡིན་པའི་གྲོང་མི་ཆོས་སྒྲོན་གྱིས་བཤད་པ་དང་། ད་ཆ་ཁོ་མོ་ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་ཅིང་། ཁོ་མོས“ད་ཆའི་སྨན་བཅོས་སྲིད་ཇུས་ཇེ་ལེགས་སུ་འགྲོ་བཞིན་འདུག”ཅེས་བརྗོད་ཀྱི་འདུག
          ནད་གཞི་བལྟ་དཀའ་བ་དང་སྨན་རིན་མཐོ་བའི་མང་ཚོགས་ཀྱི་དཀའ་གནད་སྔར་བས་སེལ་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས་ཕྱོགས་གཅིག་ནས་གཞུང་བཙུགས་སྨན་བཅོས་སྒྲིག་གཞིས“སྔོན་ལ་སྨན་ཁང་དུ་སྡོད་པ་དང་རྗེས་སུ་སྨན་རིན་རྩིས་རྒྱག་པའི”སྲིད་ཇུས་དོན་འཁྱོལ་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་མང་ཚོགས་ནད་བསྟེན་པ་དང་སྨན་ཁང་དུ་སྡོད་པ་དང་སྨན་རིན་རྩིས་ཞུར་སྟབས་བདེ་བསྐྲུན་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་དམངས་ཡོངས་ཀྱི་སྨན་བཅོས་འགན་ལེན་མ་ལག་བསྐྲུན་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པས་ཞིང་འབྲོག་པ་སྨན་བཅོས་འགན་བཅོལ་ནང་ཞུགས་ཚད་100%ཟིན་ཡོད་པ་རེད།
          བཀྲག་མདངས་འཚེར་ས་ཡང་ཡང་ཐོན་ནས། “བདེ་ཐང་ལྷོ་ཁ”འཛུགས་སྐྲུན་བྱེད་མགྱོགས་སུ་ཕྱིན་པ།
          2018ལོར། ལྷོ་ཁ་གྲོང་ཁྱེར་གྱིས་ལོ་ཧྲིལ་པོར་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་བོད་ལུགས་གསོ་རིག་ལག་རྩལ་མི་སྣ་110ལ་གསོ་སྦྱོང་བྱེད་པའི་ལས་འགན་ལེགས་སྒྲུབ་བྱས་པས་སྨན་རྩིས་ཁང་དུ་ནད་གཞི་བརྟག་དཔྱད་བྱེད་ཚད་མཐོ་རུ་ཤུགས་ཆེན་ཕྱིན་ཡོད་པ་རེད། 2018ལོའི་ལོ་སྟོད་ཁོ་ནར། ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་སྒོ་བསྟེན་སྨན་ཁང་གིས་རྒྱུན་གཏན་གྱི་ནད་གཞི་བརྟག་དཔྱད་བྱེད་ཚད་མི་ཐེངས་ཁྲི་5.2ལྷག་ཙམ་ཟིན་པ་དང་ནད་གཞི་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་དོན་ཚད་མི་ཐེངས་2000ལྷག་ཙམ་ཟིན་ཡོད་པ་རེད།
          སྨན་བཅོས་བོད་སྐྱོར་ལས་དོན་ཐད། 2018ལོར། ཧུའུ་པེ་དང་། ཧུའུ་ནན། ཨན་ཧུའེ་བཅས་བོད་སྐྱོར་ཞིང་ཆེན་གསུམ་གྱིས་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་གསར་གཏོད་དང་རྒྱ་སྐྱེད་སྒོ་ནས་སྤེལ་བ་དང་འབྲེལ། སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གྲོང་ཁྱེར་ཡོངས་ཀྱི་རྫོང་12ལ་ཁྱབ་རྒྱུར་སྤྱི་འདོམས་སྐུལ་འདེད་བརྟན་པོ་བཏང་ཡོད་པ་དང་། རིམ་ལྡན་སྨན་ཁང་བསྐྲུན་ཚད་60%ཙམ་ཟིན་ནས་ལྗོངས་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད་པ་རེད།
རྩོམ་སྒྲིག་པ། རིན་ཆེན།